མཐུན་རྐྱེན་འཆར་འགོད་དང་དོ་དམ་ལས་ཁུངས་ FP&M ལས་བྱེད་ཀྱི་དགོང་མོ་འཕྱི་བོའི་འདུ་འཛོམས་བྱེད་སྒོ།

ཁྱེད་རང་ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར་དགོང་མོར་ཡུ་ནུན་སོ་ཐི་ Union South ཁང་པར་སྐོང་འཚོགས་བྱེད་འཆར་ཡོད་པའི་ཐེངས་རྗེས་མའི་མཐུན་རྐྱེན་ འཆར་འགོད་དང་དོ་དམ་ལས་ཁུངས་ FP&M ལས་དུས་གཉིས་པ་དང་གསུམ་པའི་ལས་བྱེད་ཀྱི་དགོང་མོ་འཕྱི་བོའི་འདུ་འཛོམས་བྱེད་སྒོར་གདན་འབོད་ཞུ་རྒྱུ་ཡིན།

drawing of red shirt

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ལོ་འཁོར་ ༡༧༥ དུས་དྲན་བརྩི་སྲུང་ཆ་ཤས་སུ་མཐུན་རྐྱེན་འཆར་འགོད་དང་དོ་དམ་ལས་ཁུངས་ FP&M ཀྱི་ལས་བྱེད་ རེ་རེར་ཊི་ཞེར་སྟོད་གོས་གཅིག་རེ་རིན་མེད་དུ་རག་གི་ཡོད། འདུ་འཛོམས་བྱེད་སྒོ་འདི་ནི་མི་དངོས་ཆེད་ཞུགས་ཀྱིས་ཊི་ཞེར་སྟོད་ཐུང་ལ་བལྟ་བ་དང་རང་གི་འདེམས་སྒྲུག་ལྟར་མངག་རྒྱུའི་གོ་སྐབས་ཤིག་ཡིན།

  • པོ་ལོ་ཊི་ཞེར་སྟོད་གོས་ (polo shirts) དང་། གོང་བ་གོར་གོར་ཅན་གྱི་ཊི་ཞེར་སྟོད་གོས་ (crew neck shirts)(ཕུ་ཐུང་རིང་པོ་དང་ཐུང་ངུ་ཅན)། བྲང་ཕྱེད་ ཚེར་སྒྲོག་ཅན་གྱི་སྟོད་གོས་ (quarter-zip shirts) བཅས་རིན་མེད་གྱོན་ཆས་གདམ་ཀ་ཁ་ཤས་ཡོད། སྐྱེས་པའི་སྟོད་གོས་བཟོ་ལྟའི་ཆེ་ཆུང་ལ་ S ནས་ 4XL དང་སྐྱེས་སྨན་གྱི་སྟོད་གོས་བཟོ་ལྟའི་ཆེ་ཆུང་ལ་ XS ནས་ 2XL བར་དུ་ཡོད།

  • སྟོད་གོས་ཆེ་ཆུང་དང་བཟོ་ལྟ་ཚང་མའི་དཔེ་མཚོན་ལ་བལྟ་རྒྱུ་ཡོད་ནའང་། སོ་སོས་ཉར་འདོད་པའི་སྟོད་གོས་རྣམས་འདུ་འཛོམས་བྱེད་སྒོ་འདིའི་སྐབས་སུ་མེད།

  • སྔོན་ཚུད་ནས་ཊི་ཞེར་སྟོད་གོས་ལ་བལྟ་བ་དང་མངག་ཞུ་བྱེད་པའི་གོ་སྐབས་གཞན་པའང་ཡོད།

  • ཁྱེད་ཀྱིས་ཊི་ཞེར་སྟོད་གོས་གཅིག་འདེམ་ཆོག

  • སྟོད་གོས་འདི་དག་ལས་ཀའི་སྒྲིག་ཆས་མིན་པས། མངག་ལེན་བྱེད་མིན་རང་མོས་གདམ་ཀ་ཡིན། ཁྱེད་ཀྱིས་ཊི་ཞེར་སྟོད་གོས་གོན་འདོད་ཡོད་ཚེ་རིན་མེད་ཊི་ཞེར་ སྟོད་གོས་གཅིག་རེ་རང་གི་དགའ་ཕྱོགས་ལྟར་འདེམས་སྒྲུག་བྱེད་ཆོག

ཁྱེད་ཀྱིས་ལས་བྱེད་ཡོངས་ཀྱི་འདུ་འཛོམས་བྱེད་སྒོའི་སྐབས་སུ་རིན་མེད་ཆེད་ལས་མགོ་པར་རྒྱག་འདོད་ཡོད་ཚེ་མིང་ཐོ་འགོད་ཆོག

དུས་ཚོད་མང་པོ་མི་དགོས་ལ་སྟབས་བདེ་བོ་ཡོད། པར་པ་ཞིག་གིས་ཁྱེད་ལ་པར་རྒྱག་རྒྱུ་དང་། དེ་ནས་ཁྱེད་ལ་བདུན་ཕྲག་གཉིས་ཀྱི་རྗེས་སུ་གཞི་གྲངས་ཀྱི་རྣམ་པའི་ཁྱེད་ཀྱི་མགོ་པར་དྲ་ཐོག་ནས་ལེན་ཆོག་པའི་དྲ་ཐག་ཅིག་འབྱོར་ཡོང་ངེས། འདི་ནི་གཞི་གྲངས་ཀྱི་རྣམ་པའི་ཁྱེད་ཀྱི་མགོ་པར་ཉར་རྒྱུའི་རང་མོས་གོ་སྐབས་གཅིག་པོ་ཡིན། པར་རྒྱག་རྒྱུར་ཆུ་ཚོད་སྐར་མ་ ༥ ལས་མི་དགོས་ནའང་དུས་ཚོད་བཟོ་རོགས་ཞུ་རྒྱུ་ཡིན།

མཐུན་རྐྱེན་འཆར་འགོད་དང་དོ་དམ་ལས་ཁུངས་འབྲེལ་མོལ་ཚན་པས་ (FP&M Communications) གསལ་བསྒྲགས་(དཔེར་ན། ལས་བྱེད་ཅིག་ལ་བྱ་དགའ་ཅིག་ ཐོབ་པའམ་གནས་རིམ་འཕར་སྐབས) བྱ་ཆེད་འདྲ་པར་རྣམསཡིག་ཕེལ་དུ་ཉར་ནས་འཇོག་གི་ཡིན། ཁྱེད་ཀྱིས་ཆེད་ལས་འདྲ་པར་དེ་རང་གི་འདོད་མོས་ལྟར་བེད་སྤྱོད་བྱེད་ཆོག

དུས་ཚོད་བཟོ་ཆེད་མིང་ཐོ་འགོད་རྒྱུ།།